པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་།

༧པཎ་ཆེན་རིན་པོ་ཆེ་གང་དུ་ཡོད། 

ལོ་༢༥ གོང་ལ་ལོ་ན་༦ ཅན་གྱི་དགེ་འདུན་ཆོས་ཀྱི་ཉི་མ་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡ པར་ངོས་འཛིན་གནང་རྗེས། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས། 

སྐབས་དེར་དགེ་འདུན་ཆོས་ཀྱི་ཉི་མ་ནི་འཛམ་གླིང་ནང་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཆགས་པ་དང་། ད་ལྟ་ཁོང་དགུང་ལོ་༣༡ ཟིན་ཡོད་ལ། གང་དུ་ཡོད་སུས་ཀྱང་ཤེས་ཀྱི་མེད།

༡༩༩༥ ལོར་༧པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་བཟུང་། ཁོང་གང་དུ་ཡོད་དང་། གློད་གྲོལ་དགོས་པའི་འབོད་སྐུལ་ག་ཚོད་བྱས་ཀྱང་། རྒྱ་ནག་གིས་སྣང་མེད་དང་། གསལ་བཤད་གང་ཡང་བྱེད་ཀྱི་མེད།

ལས་འགུལ་ནང་མཉམ་ཞུགས་གནང་། 

ད་ནས་༢༠༢༡ ལོའི་ཕྱི་ཟླ་༥ པར་ཁོང་གི་གནད་དོན་གལ་ཆེན་དེར་དོ་སྣང་ཡོང་ཐུབ་ཆེད། ལོ་༢༥ ཆེད་ཀྱི་ལས་འགུལ་༢༥ ནང་མཉམ་ཞུགས་གནང་། ཟླ་རེར་ལས་འགུལ་གཉིས་སྤེལ་ཏེ་ཁྱེད་ཀྱི་དགེ་འདུན་ཆོས་ཀྱི་ཉི་མའི་གནད་དོན་ཆེད་གནོན་ཤུགས་སྤེལ་བ་ངང་། དོ་སྣང་དང་གློད་གྲོལ་ཆེད་ཕན་ཐོགས་བྱེད་ཐུབ།

དེ་ལྟའི་ཆར་གྱི་༧པཎ་ཆེན་རིན་པོ་ཆེ།

༧པཎ་ཆེན་རིན་པོ་ཆེ་ནི་བོད་ཀྱི་ཆོས་ཀྱི་དབུ་ཁྲིད་གལ་ཆེན་གཅིག་རེད། སྐུ་ཕྲེང་༡༠ པ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གཙོ་བོ་ཞིག་རེད་ལ། ༡༩༨༩ ལོར་གློ་བུར་དུ་འདས་གྲོངས་སུ་ཕྱིན་་པ་རེད། ༡༩༩༡ ལོར་དགེ་འདུན་ཆོས་ཀྱི་ཉི་མ་༧གོང་ས་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་༡༡་ཡང་སྲིད་དུ་ངོས་འཛིན་གནང་པ་རེད།

དེ་ནས་གཟའ་འཁོར་ཁ་ཤས་རྗེས་ཕྱི་ཟླ་༥ ཚེས་༡༧ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་དང་ཁོང་གི་ནང་མི་རྒྱ་ནག་གཞུང་གི་དབང་འཛིན་པས་གསང་ཁྲིད་བྱས་པ་རེད། དེའི་སྐབས་ཁོང་དགུང་ལོ་དྲུག་ལས་ཟིན་མེད།

༢༠༡༩ ལོར་དབྱིན་ཡུལ་གྱི་གར་སོང་ཆ་མེད་དུ་གྱུར་བའི་མིའི་ལོ་ཚོད་ཟིན་པའི་པར་གྱི་སྣང་བརྙན་རི་མོ་བ་དྲག་ཅན་ Tim Widden གྱིས་ད་ལྟ་དགེ་འདུན་ཆོས་ཀྱི་ཉི་མ་བཞུགས་ཡོད་ན་ཁོང་གང་འདྲ་ཡོད་མེད་སྣང་བརྙན་པར་རིས་ཞིག་བྲིས་པ་རེད། 

རྒྱལ་སྤྱིའི་དབུ་ཁྲིད་ཚོར་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་ཆེད་ལས་འགུལ་སྤེལ་དགོས་པ་ནན་སྐུལ་ཞུ།

ལོ་༢༥ གོང་ལ་ལོ་ན་དྲུག་ཅན་གྱི་དགེ་འདུན་ཆོས་ཀྱི་ཉི་མ་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡ པར་ངོས་འཛིན་གནང་རྗེས། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས། 

སྐབས་དེར་དགེ་འདུན་ཆོས་ཀྱི་ཉི་མ་ནི་འཛམ་གླིང་ནང་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཆགས་པ་དང་།  ཁོང་གང་དུ་ཡོད་སུས་ཀྱང་ད་དུང་ཤེས་ཀྱི་མེད།

ད་ལྟ་ཁོང་དགུང་ལོ་༣༡ རེད།

རྒྱ་ནག་གཞུང་གིས་ཁོང་གསང་ཁྲིད་བྱས་ནས་བཟུང་། ཁོང་དང་ཁོང་གི་ནང་མིའི་གནས་སྟངས་ག་འདྲ་ཡིན་མིན་དང་། གང་དུ་ཡོད་མེད་གསལ་བཤད་དང་གློད་གྲོལ་དགོས་པའི་རེ་འདུན་ག་ཚོད་བཏོན་ཡང་། རྒྱ་ནག་གཞུང་གིས་རྩིས་མེད་དུ་བཏང་།

ལས་འགུལ་སྤེལ། རྒྱ་ནག་ནས་དགེ་འདུན་ཆོས་ཀྱི་ཉི་མའི་གནས་ཚུལ་དང་། མགྱོག་མྱུར་ངང་ཁོང་གློད་གྲོལ་་དགོས་པའི་སྟོབས་ཆེན་རྒྱལ་ཁབ་༧  G7 འགོ་ཁྲིད་རྣམ་ས་ལ་ནན་སྐུལ་བྱེད།

Panchen Lama kidnap

ལས་འགུལ་རྒྱུ་ཆ་བང་མཛོད།

བཀུར་འོས་༧པཎ་ཆེན་རིན་པོ་ཆེ།

ལོ་༢༥ རིང་མུ་མཐུད་ནས་འཚོལ་ཞིབ།

དེ་ལས་མང་ཤེས་ཐུབ།

10th panchen-lama

པཎ་ཆེན་སྐུ་འཕྲེང་༡༠ པ་ཆོས་ཀྱི་རྒྱལ་མཚན་༡༩༣༨ ནས་༡༩༨༩

༧པཎ་ཆེན་རིན་པོ་ཆེ་ནི་བོད་ཀྱི་ཆོས་ཀྱི་དབུ་ཁྲིད་གལ་ཆེན་གཅིག་རེད། སྐུ་འཕྲེང་༡༠ པ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གཙོ་བོ་ཞིག་རེད་ལ། ༡༩༨༩ ལོར་གློ་བུར་དུ་འདས་གྲོངས་སུ་ཕྱིན་པ་རེད། ༡༩༩༡ ལོར་དགེ་འདུན་ཆོས་ཀྱི་ཉི་མ་༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་༡༡ པར་ངོས་འཛིན་གནང་རེད།

དེ་ནས་གཟའ་འཁོར་ཁ་ཤས་རྗེས་ཕྱི་ཟླ་༥ ཚེས་༡༧ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་དང་ཁོང་གི་ནང་མི་རྒྱ་ནག་གཞུང་གི་དབང་འཛིན་པས་གསང་ཁྲིད་བྱས་པ་རེད། དེའི་སྐབས་ཁོང་དགུང་ལོ་དྲུག་ལས་ཟིན་མེད།

རྒྱབ་ལྗོངས་ཀྱི་གནས་ཚུལ་མང་བ་སྟོན་ས།
དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་༦ ཐོག་༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་༡༡ པར་ངོས་འཛིན་གནང་བ་དང་། ཁོང་ནི་བོད་ཀྱི་ཆོས་ཀྱི་དབུ་ཁྲིད་གལ་ཆེན་ཤིག་རེད།

ཁོང་ནི་༡༩༨༩ ལོའི་ཕྱི་ཟླ་༤ ཚེས་༢༥ ཉིན་བོད་དབུས་སུ་(ནགས་ཆུ་)འཁྲུངས་པ་དང་། ཁོང་༧པཎ་ཆེན་སྐུ་ཕྲེང་༡༡ པར་ངོས་འཛིན་བྱས་པ་དང་། རྒྱ་ནག་གཞུང་གི་དབང་འཛིན་པས་ཁོང་དང་ཁོང་གི་ནང་མི་འཛིན་བཟུང་བྱས། དེ་ཙམ་མ་ཟད་༧པཎ་ཆེན་ཡང་སྲིད་རྩད་གཅོད་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་སོགས་འཛིན་བཟུང་བྱས་ཏེ། ༧གོང་ས་མཆོག་ལ་གནས་ཚུལ་མཁོ་སྤྲོད་པའི་ནག་ཉེས་འོག ཁྲིམས་ཐག་བཅད།

རྒྱ་ནག་གཞུང་གི་ཆབ་སྲིད་དགོས་དབང་གིས་པཎ་ཆེན་སྐུ་ཕྲེང་༡༡ པར་རྒྱལ་མཚན་ནོར་བུ་ངོས་འཛིན་བྱས་པ་དང་། ཁོང་པེ་ཅིང་དུ་ཉར་ནས། ཉེ་ཆར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དབང་ཚད་ཆུང་བའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་གོ་གནས་སྤྲད་ཡོད་པ་རེད། ཁོང་ལ་དུས་རྒྱུན་རྒྱ་ནག་གཞུང་གི་ཚབ་ལ་དྲིལ་བསྒྲགས་བྱེད་བཅུག་གི་ཡོད་པ་རེད།

ལོ་༢༠ རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། འབྲེལ་ཡོད་ཚོས་རྒྱ་ནག་གཞུང་ལ་༧པཎ་ཆེན་རིན་པོ་གློད་གྲོལ་དགོས་པ་ནན་སྐུལ་བྱས་ཡོད་ནའང་། ད་བར་གྲུབ་འབྲས་བྱུང་ཡོད་པ་མ་རེད། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་གནས་སྟངས་དང་གང་དུ་ཡོད་མེད་ཛ་དྲག་ཡིན་པ་དང་། ཁོང་གི་དད་ལྡན་མི་མང་གིས་ཁོང་གློད་གྲོལ་དགོས་པའི་དགོས་འདུན་ཁག་རྒྱ་ནག་གཞུང་གིས་ཁས་ལེན་དགོས་ཀྱི་རེད།

ལོ་༦ ཡིན་དུས་གར་སོང་ཆ་མེད་དུ་གྱུར་པའི་དགེ་འདུན་ཆོས་ཀྱི་ཉི་མ་ད་ལྟ་ལོ་༣༠ ཡིན་དུས་འདྲི་འདྲ་ཞིག་ཡིན་ནམ།

#FreePanchenLama ངོ་དེབ་ཐོག

[fts_facebook type=page id=171411659559586 access_token=EAAP9hArvboQBALzZA7euO0tTzasfZCJd0fmhRvLR47iklZCbNMEnngUdmL3JAnWzsF5ZA0U2SVRCp6adCnXyLtc4qnHGoPHGzRT9rZCUATUxQrqFc1vtPu3YhFbldlk1NFAjYiiMND62yVZA5el3yan4UZBgIO5QSW5OZBfeeMgC7sNADyjlGST7 posts=3 description=yes posts_displayed=page_only]

#FreePanchenLama ཊི་ཝེ་ཊིར་ཐོག

[fts_twitter twitter_name=thetibetnetwork tweets_count=4 cover_photo=no stats_bar=no show_retweets=no show_replies=no search=#FreePanchenLama]

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་རྒྱལ་སྤྱིའི་ནང་བོད་ཀྱི་ལས་འགུལ་ཡར་རྒྱས་དང་བརྟན་ལྷིང་ཡོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ལས་འགུལ་ཁྱབ་སྤེལ་ཐབས་ཤེས་ཆེད་ལས་འགུལ་ཚོགས་ཆུང་གི་ཚོགས་མི་གཤམ་གསལ་ལྟར།